ཡེ་མིན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལ་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་བརྒྱ་ཙམ་ལ་ཤི་རྨས་ཐེབས།
2018.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31


བྱིས་པ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལ་ཚེས་དགུའི་ཉིན་ཡེ་མིན་ནུབ་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་གྱི་ཏཱ་ཧཱ་ཡན་གྲོང་ཁྱེར་གྱི་ཚོང་ར་ཞིག་ནས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་རེ་བཞིར་རྨས་ཕོག་ཟེར།
བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་འགྲུལ་སྐྱེལ་རླངས་འཁོར་དེས་བྱིས་པ་དྲུག་ཅུ་ལྷག་དྲུད་ཡོད་པ་དང་། འདས་པོ་མང་ཆེ་བ་ནི་ལོ་བཅུར་སོན་མེད་པའི་བྱིས་པ་རེད་ཟེར།
སཱ་ཏཱ་ཞིང་ཆེན་ནི་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་སྡོད་གནས་གཙོ་བོ་ཡིན་པ་དང་། ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་བརྙན་འཕྲིན་ཁང་གིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཐེངས་འདིའི་བར་སྣང་འཇབ་རྒོལ་སྤེལ་བ་རེད་ཟེར། མིག་སྔའི་བར་མཉམ་འབྲེལ་དམག་དཔུང་གིས་དོན་དེར་ལན་ཅི་ཡང་བྱིན་མེད།