ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་ཙུང་ལི་དང་ཙུང་ལི་གཞོན་པ། པུའུ་ཀྲང་མང་བོ་བརྗེ་སྤོར་བྱས། 
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17


ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གི་ཙུང་ལི་དང་ཙུང་ལི་གཞོན་པ། པུའུ་ཀྲ་རེ་འགའ་བརྗེ་སྤོར་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་བསྒྲགས་པ་ལྟར་ན། ལུའུ་ཁཱ་ཧྲིན་ཁི་ཡིས་ཨུ་རུ་སི་དཀར་པོའི་གསར་སྤེལ་དངུལ་ཁང་གི་མགོ་བ་ལུའུ་མཱ་སི་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཏེ། ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་གི་ཚུན་ལ་ཙུང་ལིའི་འགན་ཁུར་བའི་ཁི་པུས་ཡཱ་ཁི་ཧྥུའུ་ཡི་ཚབ་བྱེད་དུ་བཅུག ཞོར་དུ་པུའུ་ཀྲང་གྲོས་ཚོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཐུའུ་ཨར་ཆན་ཙུང་ལི་གཞོན་པ་དང་པོར་བསྐོ་འཇོག་བྱས། ཨུ་རུ་སི་དཀར་པོའི་རྒྱལ་ཁབ་རྡོ་སྣུམ་ཁང་ཚེ་ཨིན་གྱི་ཀྲུའུ་ཞི་ལེ་ཡཱ་ཧྲིན་ཁི་དང་། རྒྱལ་ཁབ་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧཱ་ལེ་ཧྥུའུ། ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕའེ་ཐི་ལེ་ཧྲིན་ཁི་བཅས་ཙུང་ལི་གཞོན་པར་བསྐོ་འཇོག་བྱས། 

དེ་ལས་གཞན་ལུའུ་ཁཱ་ཧྲིན་ཁི་ཡིས་ད་རུང་འཛུགས་སྐྲུན་པུའུ་ཀྲང་དང་། བཟོ་ལས་པུའུ་ཀྲང་། འཕྲིན་གཏོང་དང་བརྡ་འཕྲིན་ཅན་གྱི་པུའུ་ཀྲང་། དཔལ་འབྱོར་པུའུ་ཀྲང་བཅས་པུའུ་ཀྲང་འགའ་བསྐོ་འཇོག་བྱས། 

ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་རང་ཉིད་ཀྱི་བསྐོ་འཇོག་ཆོད་དོན་ལ་འགྲེལ་བཤད་བྱེད་སྐབས་བསྟན་དོན། ཙུང་ལི་དང་ཙུང་ལི་གཞོན་པ། པུའུ་ཀྲང་འགའ་བརྗེ་སྤོར་བྱེད་པའི་འདོད་ཚུལ་དེ་སྔར་ནས་བྱུང་ཡོད་པ་དང་། ཉེ་སྔོན་ཁོ་རང་ཤར་ཕྱོགས་ས་ཁུལ་དུ་རྟོག་ཞིབ་ཏུ་སོང་རྗེས་འདོད་ཚུལ་དེ་སྔར་ལས་ཇེ་དྲག་ཏུ་སོང་ཡོད། གསར་དུ་བསྐོ་འཇོག་བྱེད་པའི་ཆོད་དོན་དེ་ནི་ཨུ་རུ་སི་དཀར་པོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་མི་སྣའི་བར་གྲོས་མོལ་བྱས་རྗེས་བཏོན་པ་ཡིན་ཟེར།