མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་སྐུ་གཤེགས། 
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

འདི་ནི་ཉིས་སྟོང་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཉིན། སྐབས་ཐོག་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་གྱིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ལོ་མཇུག་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་པའི་རྒྱུ་ཆའི་པར་རིས་རེད། 

སྤྱི་ཁྱབ་པུའུ་རི་ནེ་ཝ་རུ་ཡོད་པའི་ཨན་ནན་ཐེབས་རྩ་ཚོགས་པས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཐེབས་རྩ་ཚོགས་པ་དེ་སྲོལ་འབྱེད་མཁན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་ཉིན་དེར་སྐུ་གཤེགས་པ་དང་། ད་ལོར་དགུང་ལོ་བརྒྱད་ཅུ་རེད་ཟེར།