ཧྥ་རན་སིའི་ཕཱ་ལེ་སིའི་ཉེ་འདབས་སུ་མེ་སྐྱོན་བྱུང་སྟེ་བྱིས་པ་ལྔ་དང་བུད་མེད་གཉིས་ལ་རྨས་སྐྱོན་ལྗིད་མོ་ཕོག 
2018.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19


ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སིའི་ཉེ་འདབས་ཀྱི་ཨོ་པེ་ཝེ་ལེ་ཡེ་གྲོང་ཁྱེར་དུ་ཉིན་དེའི་དགོང་མོར་མེ་སྐྱོན་ཆེན་པོ་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུར་རྨས་ཕོག དེའི་ནང་བྱིས་པ་ལྔ་དང་བུད་མེད་གཉིས་ལ་རྨས་ཕོག་པ་ཅུང་ལྗིད། 

ཚེས་བཅུ་དགུ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་ཡས་མས་སུ། ཨོ་པེ་ཝེ་ལེ་ཡེ་གྲོང་ཁྱེར་སྲིད་གཞུང་གི་ཉེ་འདབས་ཀྱི་སྡོད་དམངས་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

ཕཱ་རེ་སིའི་མེ་གསོད་སྡེ་ཁག་གིས་ཉིན་དེའི་དགོང་མོར་མི་མང་བོ་མེ་སྐྱོན་ཁྲོད་ནས་བསྐྱབས་ཡོད་ཟེར་ཡང་། གནས་ཚུལ་གཞན་པ་བསྒྲགས་མེད།