འདི་ནི་ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོའི་རྣམ་པ་རེད།
ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་གྱིས་ཚེས་ཉི་ཤུའི་ཉིན་ཙུང་ཐུང་བཞུགས་ཤག་ནས་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་མགོ་འཛིན་བྱས། ནེ་ཀིའི་པུའུ་ཀྲང་བཅུ་དྲུག་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
སྐབས་འདིའི་ནེ་ཀི་ལ་པུའུ་ཀྲང་བཅུ་དྲུག་དང་ཙུང་ལིའི་བློ་འདོན་པ་ལྔ་བཅས་འདུས། ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་ལྟར་དུ། པུའུ་ཀྲང་བཅུ་དྲུག་གིས་ཉིན་དེའི་སྔ་དྲོར་ཙུང་ཐུང་ཧི་སེ་ཡུན་དང་ཙུང་ལི་དབྱེ་མུའུ་ལན་ཧན་སོགས་ཆབ་སྲིད་མགོ་ཁྲིད་པའི་བདེན་དཔང་འོག དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར། ནེ་ཀིའི་ཁོངས་མི་མང་ཆེ་བ་ནི་དྲང་བདེན་ལས་འགུལ་ཏང་ནས་ཡོང་བ་རེད།
བསྐོ་འཇོག་ལྟར་ན། ཁུའུ་ལོས་ཞེ་ཡིས་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་པ་དང་། དེ་ནི་ཁོས་ཐེངས་གཉིས་པར་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་བ་རེད།
དེ་ལས་གཞན་དྲང་བདེན་ལས་འགུལ་ཏང་གི་མཐོ་རིམ་མགོ་ཁྲིད་པ་ཝུའུ་མེད་ཨར་དང་ཧཱ་ཐཱ་ཁི་གཉིས་ཀྱིས་སོ་སོར་ནོར་སྲིད་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་རྒྱུ་རེད།