ཨ་མེ་རི་ཁའི་གྱེན་འཕུར་གནམ་གྲུ་ཞིག་དབྱི་རག་ནས་སར་ལྷུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག 
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35


ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་གྱེན་འཕུར་གནམ་གྲུ་ཞིག་ཚེས་བཅུ་དགུ་ཉིན་དབྱི་རག་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་ཨ་མེ་རི་ཁའི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག་ཟེར། 

རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་མན་ཉིན་གྱིས་ཉིན་དེའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་འགན་ལག་བསྟར་བྱེད་སྐབས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་ཚང་མ་རྙེད་ཡོད། རྨས་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། མན་ཉིན་གྱིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེ་དགྲ་བོས་སར་འཕང་བའི་བདེན་དཔང་མེད་ལ། དམག་ཕྱོགས་ཀྱིས་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།