ཨུ་རུ་སིའི་དཔོན་རིགས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ནས་མགོ་བརྩམས་ཏེ་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་གསར་བར་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན། 
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47


ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་རྒྱལ་ཁབ་ཀྱི་ཁེ་ཕན་ནས་མགོ་བརྩམས་ཏེ། ཨ་མེ་རི་ཁས་སྤྱོད་རྩིས་ཡོད་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཁི་ལི་མུའུ་ལིན་ཕོ་བྲང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཨུ་རུ་སི་ཡིས་དེའི་ནང་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཕྱོགས་ནས་བལྟས་ན། བྱེད་ཐབས་དེ་མཛའ་མཐུན་མིན་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ལ། འབྲེལ་ཡོད་བཀག་སྡོམ་དེས་རྒྱལ་སྤྱིའི་ཉོ་ཚོང་ལ་གནོད་པ་ཐེབས་ངེས་རེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱས་ཏེ། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ད་ལྟའི་ཉམས་ཉེན་ལས་ཐར་དུ་འཇུག་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཁང་གི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་དང་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གཉིས་ཀྱིས་ཉེ་སྔོན་རི་ནེ་ཝ་ནས་གྲོས་མོལ་བྱས་ཏེ། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།