ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་རེ་བསྙེག་བསྐྱུར་མི་སྲིད་པའི་ཚུལ་བསྟན། 
2018.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28


མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཅིག་ཉིན་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་རྗེས་དྲན་མཛད་སྒོའི་སྟེང་བསྟན་དོན། ཉིས་སྟོང་སུམ་ཅུའི་ལོར་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཞི་བདེའི་ཁོར་ཡུག་ཅིག་མཁོ་བ་དང་། མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་རེ་བསྙེག་གཏན་ནས་བསྐྱུར་མི་སྲིད་ཟེར། 

ཉིག་ཡོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཉིན་དེར་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་སོ་བདུན་པའི་རྗེས་དྲན་བྱ་འགུལ་སྤེལ། ཀུའུ་ཐི་ལོས་སི་ཡིས་སྲོལ་རྒྱུན་གྱི་ཞི་བདེའི་ཅོང་རྡུང་མཛད་སྒོའི་སྟེང་བཤད་རྒྱུར། འཛམ་གླིང་སྟེང་ཆེས་དབུལ་ཕོངས་ཀྱི་སྣང་ཚུལ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། འདྲ་མཉམ་ཡིན་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད། འདྲ་མཉམ་མིན་པ་ནི་གཏན་འཇགས་མིན་པ་དང་འཁྲུག་རྩོད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ནི་མིའི་རིགས་ཀྱིས་འདྲ་མཉམ་བརྩོན་ལེན་བྱེད་པའི་འཛམ་གླིང་ཅན་གྱི་འཐབ་རྩོད་ཅིག་ཡིན། ཞི་བདེ་མེད་ན་འཕེལ་རྒྱས་མེད་པ་དང་། འཕེལ་རྒྱས་མེད་ནའང་ཞི་བདེ་ཡོད་མི་སྲིད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཞི་བདེའི་ཐུན་མོང་གི་རེ་བསྙེག་དབང་གིས་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་སུ་ལྷན་དུ་འདུས་པ་ཡིན། ཞི་བདེའི་ཐད་ཉེན་ཁ་གནས་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་རེ་བསྙེག་གཏན་ནས་བསྐྱུར་མི་སྲིད་ཟེར། 

སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་ཕོ་ཉ། ཅོར་ཏན་གྱི་ཀོང་ཇོ་ཧཱ་ཡཱ་པེན་ཐི་ཧི་སེ་ཡུན་སོགས་མཉམ་དུ་རྗེས་དྲན་མཛད་སྒོར་ཞུགས།