ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་དགུ་བསད། 
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24


ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་སྐམ་དམག་གིས་ཉེ་སྔོན་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་དགུ་བསད་པ་དང་། ཕཱ་ཁི་སི་ཐན་གྱི་དམག་མི་བདུན་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་ནས་ཕཱ་ཁི་སི་ཐན་མངའ་ཁོངས་སུ་ཡོང་བའི་དྲག་ཆས་ཉེས་ཅན་སྐོར་ཞིག་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དུ་སྦས་སྐོང་བྱས་ཡོད། ཕཱ་ཁི་སི་ཐན་དམག་ཕྱོགས་ལ་གསང་འཕྲིན་འབྱོར་རྗེས་ས་ཁུལ་དེར་སྔོག་བཤེར་འགུལ་སྐྱོད་སྤེལ། འགུལ་སྐྱོད་སྤེལ་སྐབས་ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། དྲག་ཆས་ཉེས་ཅན་དགུ་བསད་པ་དང་། དམག་ཕྱོགས་ཀྱི་དམག་མི་བདུན་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ས་ཁུལ་དེར་ཞིབ་བཤེར་བྱས་རྗེས། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་དེ་དག་གི་ཐོབ་ཐང་ལ་དཔྱད་ཞིབ་བྱེད་བཞིན་ཡོད་ཟེར།