ཝུན་ཙེ་ཡུན་ཨ་མེ་རི་ཁར་ཆས་པ་དང་ཨ་མེ་རི་ཁ་དང་མཉམ་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་གྱི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། 
2018.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39


ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ཉིན་དེར་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་སུ་སོང་བ་དང་། ཚེས་ཉེར་བཞིའི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་རེད། དེ་ནི་ཝུན་ཙེ་ཡུན་གྱིས་ཟླ་ངོ་བཞིའི་རྗེས་སུ་ཡང་བསྐྱར་ཨ་མེ་རི་ཁར་འཚམས་འདྲི་བྱས་པ་ཡིན་ལ། ཁོས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐེངས་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པ་རེད། ཁོས་ཐེངས་འདིའི་འཚམས་འདྲི་ལས་ཁྲའོ་ཞན་དང་ཨ་མེ་རི་ཁས་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གྲོས་མོལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཐུབ་མིན་ལ་ཕྱོགས་སོ་སོས་དོ་སྣང་བྱེད་བཞིན་ཡོད།