སི་རི་ཡཱའི་མཁའ་སྲུང་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་དང་ཨུ་རུ་སི་ཡིསS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་རྒྱུ་རེད། 
2018.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37


གཟའ་འཁོར་སྔོན་མར་ཨུ་རུ་སིའི་དམག་དོན་གནམ་གྲུ་ཞིག་སི་རི་ཡཱ་ནས་སར་འཕངས་རྗེས། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། མའོ་སི་ཁི་ཡིསS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་འདོན་སྤྲོད་བྱས་ཏེ་སི་རི་ཡཱའི་མཁའ་སྲུང་ལ་ཤུགས་སྣོན་བྱེད་རྒྱུ་དང་། ས་དཀྱིལ་མཚོ་ཁོངས་ཀྱི་མཐའ་བསྐོར་ནས་སི་རི་ཡཱ་ལ་འཇབ་རྒོལ་བྱེད་པའི་དམག་དོན་གནམ་གྲུར་བར་ཆད་བཟོ་བའི་ལེ་ཏཱ་འཛུགས་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་གནམ་གྲུ་ཞིག་ལ་གཟའ་འཁོར་སྔོན་མར་སི་རི་ཡཱའི་སུའུ་ལེན་དུས་སྐབས་ཀྱིS-200རྟགས་ཅན་གྱི་མཁའ་སྲུང་འཕུར་མདའ་ཕོག་ནས་སར་ལྷུང་བ་དང་། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་གྱིས་དེ་ལས་ལྷག་པའི་བདེ་འཇགས་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དོན་རྐྱེན་དེ་ལས་ང་ཚོས་འོས་འཚམ་གྱི་ངོ་རྒོལ་བྱེད་ཐབས་སྤྱད་དེ་ཨུ་རུ་སིའི་དམག་དཔུང་གི་སི་རི་ཡཱའི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པར་སྐུལ་ཡོད། ཨུ་རུ་སི་ཡིས་གཟའ་འཁོར་གཉིས་ཀྱི་ནངS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་སི་རི་ཡཱའི་དྲག་ཆས་དམག་དཔུང་ལ་སྤྲོད་རྒྱུ་ཡིན་ཟེར།