ཁུན་ནེ་ཡཱའི་རྒྱལ་སྲུང་དམག་དཔུང་གིས་སོ་མཱ་ལིའི་ན་གོན་ཏང་གི་དྲག་ཆས་པ་བཅུ་བསད། 
2018.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24


ཁུན་ནེ་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཁུན་ནེ་ཡཱའི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེའི་ཞོགས་པར་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ལཱ་མུའུ་རྫོང་ནས་ཡུལ་དེར་སྦས་སྐོང་བྱས་ཡོད་པའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་དཔུང་འཇུག་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བསད་ཟེར། 

ཁུན་ནེ་རི་ཡཱའི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཨིན་ཀྲུའུ་ཀུའུ་ནཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཁུན་ནེ་ཡཱའི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་ལཱ་མུའུ་རྫོང་ནས་རྒྱུན་ལྡན་གྱི་སྐོར་གཡེང་བྱེད་སྐབས་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་སྐོར་ཞིག་རྙེད་ནས་ཁོ་ཚོར་དཔུང་འཇུག་བྱས་པ་རེད། རྒྱལ་སྲུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། མེ་མདའ་བདུན་དང་འགད་རྫས་རེ་འགའ་གཞུང་བཞེས་བྱས། རྒྱལ་སྲུང་དམག་མི་གསུམ་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར། 

ཁུན་ནེ་རི་ཡཱའི་རྒྱལ་སྲུང་དམག་དཔུང་གིས་ཉེ་སྔོན་ལཱ་མུའུ་རྫོང་གི་སྐོར་གཡེང་བྱ་འགུལ་ལ་ཤུགས་སྣོན་བྱས་ཡོད།