ཕུའུ་ཐའོ་ཡཱའི་དབུས་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར། 
2018.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21


ཕུའུ་ཐའོ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་ཚེས་ཉེར་བཞིའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པའི་དུས་ཚོད་བདུན་ཡས་མས་སུ། ཕུའུ་ཐའོ་ཡཱའི་དབུས་ཕྱོགས་ཀྱི་ཕིན་པཱ་ཨར་གྲོང་ཁྱེར་གྱི་གཞུང་ལམ་བརྒྱད་པའི་སྟེང་། དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་དངོས་སྐྱེལ་རླངས་འཁོར་ཆུང་བ་གཞན་ཞིག་དང་ཐོ་བརྒྱབ་སྟེ། རླངས་འཁོར་གཉིས་སྟེང་གི་སྐྱེས་པ་དྲུག་རྐྱེན་ལམ་དུ་ཤོར། 

ཕུའུ་ཐའོ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོ་མིན་པ་དང་། སྔར་ལས་ལྷག་པར་རྟོག་ཞིབ་བྱེད་དགོས་ཟེར།