སྤེལ་དུས།2018.10.12 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བའི་ཚེས་བཅུ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་ཕཱ་ལུའུ་ཡི་ས་འགུལ་དང་རྒྱ་མཚོའི་འཕྱུར་བའི་གནོད་འཚེ་ཐེབས་སའི་ཞིག་རོའི་སྟེང་། མང་ཚོགས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་དངོས་རྫས་འཚོལ་བཞིན་པ། 


སུའུ་ཐའོ་པའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་རྒུད་སྐྱོབ་འགུལ་སྐྱོད་ཀྱི་སྤྱིའི་བཀོད་འདོམ་པ། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གཞོན་པ་ཁཱ་ལཱ་ཡིས་ཚེས་བཅུ་གཅིག་ཉིན་འབྲེལ་ཡོད་ལས་ཁུངས་ཀྱི་མཐུན་སྦྱོར་གྲོས་ཚོགས་ལ་མགོ་འཛིན་བྱས་རྗེས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་བར་དུ། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་དུ་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་གནོད་འཚེ་བྱུང་བ་ལས་མི་སྟོང་གཉིས་དང་དོན་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་དྲུག་བརྒྱ་དོན་དགུར་རྨས་ཕོག མི་དྲུག་བརྒྱ་དང་བརྒྱད་ཅུ་གར་སོང་རྙེད་མེད། མི་སྣའི་སྔོག་སྐྱོབ་འགུལ་སྐྱོད་ཉིན་དེའི་ཕྱི་དྲོར་མཚམས་བཞག་ཡོད། 

ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཡཱ་ཅཱ་ཏཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། འདས་པོའི་ཁྲོད་ཕཱ་ལུའུ་གྲོང་ཁྱེར་གྱི་མི་སྟོང་གཅིག་དང་དྲུག་བརྒྱ་རེ་གསུམ་ཡོད་པ་དང་། ཏུང་ཅཱ་ལཱ་རྫོང་དུ་མི་ཉིས་བརྒྱ་དང་ཉེར་གསུམ། ཞི་ཅི་དང་ཕཱ་ལི་ཅི་ས་ཁུལ་དུ་སོ་སོར་མི་བརྒྱ་དང་དོན་གཅིག་དང་མི་བཅོ་ལྔ། ཕཱ་སང་ཁཱ་ཡུས་ས་ཁུལ་དུ་མི་གཅིག་བཅས་འདུས། 

ས་འགུལ་ལས་སྡོད་ཁང་ཁྲི་དྲུག་དང་སྟོང་བདུན་སུམ་བརྒྱ་བཅུ་ལ་གཏོར་བརླག་ཐེབས་པ་དང་། གནོད་ཐེབས་མང་ཚོགས་ཁྲི་བརྒྱ་དང་སྟོང་གཉིས་བདུན་བརྒྱ་དོན་ལྔར་འགྲོ་སའི་ཁྱིམ་མེད་པར་གྱུར། ཁོ་ཚོ་སོ་སོར་གནས་སྐབས་ཀྱི་སྡོད་གནས་སུ་བཀོད་སྒྲིག་བྱས་ཡོད། ས་ཁྱབ་སྒྲོག་བྱས་དོན། མི་སྣའི་སྔོག་སྐྱོབ་འགུལ་སྐྱོད་ཉིན་དེར་མཇུག་སྒྲིལ་རྒྱུ་ཡིན་ཟེར། 

སུའུ་ཐའོ་པའོ་ཡིས་འགྲེལ་བཤད་བྱས་དོན། སྤྱིར་བཏང་གི་གནོད་འཚེའི་སྔོག་སྐྱོབ་ཡུན་ཚད་ཉིན་བདུན་ཡིན་ཡང་། ཐེངས་འདིའི་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་སྔོག་སྐྱོབ་དུས་ཡུན་ཉིན་བཅུ་བཞི་འགོར། ཞིག་རོའི་འོག་ཏུ་མནན་ཡོད་པའི་གནོད་ཐེབས་མཁན་ཚང་མ་འདས་སོང་བར་འདོད་ཡོད། རྒྱུ་མཚན་ནི་བེམ་པོ་མང་བོ་རུལ་ནས་ངོས་འཛིན་བྱེད་ཐབས་མེད་པར་གྱུར་ཡོད་པས་རེད། གནོད་འཚེ་ཐེབས་ནས་ཉིན་བཅུ་བཞི་འགོར་རྗེས་རྙེད་པའི་བེམ་པོ་ལས་སྡོད་ཁུལ་ལ་རིམས་ནད་དང་ཤུགས་རྐྱེན་ངན་པ་འབྱུང་སྲིད་པས་སྔོག་སྐྱོབ་བྱ་བ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར། 

སུའུ་ཐའོ་པའོ་ཡིས་ད་རུང་བསྟན་དོན། མུ་མཐུད་དུ་གར་སོང་མ་རྙེད་པའི་ཁྱིམ་མི་འཚོལ་འདོད་མཁན་ཚོས་རང་འགུལ་གྱིས་འཚོལ་ཞིབ་བྱས་ཆོག་པ་དང་། དང་བླངས་མཁན་གྱིས་དེར་རོགས་རམ་བྱས་ཆོག་ཟེར། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།