ཡེ་མིན་ཙུང་ཐུང་གིས་ཙུང་ལི་པིན་ཏཱ་ཀི་ཨར་གྱི་ལས་འགན་བླངས། 
2018.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31


ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཚེས་བཅོ་ལྔ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ད་ལྟའི་ཙུང་ལི་པིན་ཏཱ་ཀི་ཨར་གྱི་ལས་འགན་བླངས་པར་མ་ཟད། སེ་དབྱེ་ཏི་སྐབས་གསར་བའི་ཙུང་ལིར་བསྐོ་འཇོག་བྱས། 

ཧཱ་ཏིས་ཀྱིས་ཙུང་ཐུང་བཀའ་རྒྱའི་ནང་བསྟན་དོན། པིན་ཏཱ་ཀི་ཨར་སྲིད་གཞུང་གིས་འདས་པའི་དུས་རིམ་ཞིག་ནང་གི་དཔལ་འབྱོར་དང་སྲིད་འཛིན་ལས་དོན་ཐད་ནས་འགན་ནུས་ལག་བསྟར་ནན་མོ་བྱས་མེད་པར་གཞིགས་ཏེ། ཁོས་པིན་ཏཱ་ཀི་ཨར་གྱི་ཙུང་ལིའི་ལས་འགན་བླངས་ཏེ་དེར་འབྲེལ་ཡོད་རྟོག་ཞིབ་བྱེད་པར་ཐག་བཅད་པ་ཡིན་ཟེར། 

པིན་ཏཱ་ཀི་ཨར་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བ་ནས་བཟུང་ཡེ་མིན་གྱི་ཙུང་ལིའི་འགན་ཁུར་བ་རེད། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། སེ་དབྱེ་ཏི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བར་ཡེ་མིན་སྤྱི་བའི་བཟོ་སྐྲུན་པུའུ་ཀྲང་དུ་བསྐོ་འཇོག་བྱས་པ་རེད།