སྤེལ་དུས།2018.11.08 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0


བློ་གྲོས་ཚེ་རིང་གིས་ཚེས་བདུན་ཉིན་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་ཡམ་བུ་ནས་དམ་བཅའ་བཞག་སྟེ་འབྲུག་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བ་དང་། ཡུན་ཚད་ལོ་ལྔའི་དབུ་བཞུགས་བློན་ཆེན་གྱི་འགན་ཡུན་མགོ་བརྩམས། 

རྒྱུན་སྲོལ་ལྟར་ན། འབྲུག་རྒྱལ་ཁབ་ཀྱི་རྒྱལ་བོ་ནཱ་མུའུ་ཡེ་ཨར་ཝང་ཁྲུའུ་ཁི་ཡིས་རྒྱལ་བོའི་ཕོ་བྲང་ནས་དམ་བཅའ་འཇོག་པའི་མཛད་སྒོར་མགོ་འཛིན་བྱས་པ་དང་། ཚི་ལིན་གྱིས་སྲོལ་རྒྱུན་གྱི་ཕྲག་ཁེབས་གྱོན། ནེ་ཀིའི་པུའུ་ཀྲང་བཅུ་ཡིས་ཀྱང་ཉིན་དེར་ལས་འགན་འཁུར། 

བློ་གྲོས་ཚེ་རིང་གིས་ཉིན་གཉིས་ཀྱི་སྔོན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བསྟན་དོན། ཁོའི་སྲིད་གཞུང་གིས་འགྲན་རྩོད་ཀྱི་བསྒྲགས་གཏམ་དངོས་འབེབས་བྱས་ཏེ། གཙོ་བོ་ཉིན་རེ་བཞིན་རྒྱ་བསྐྱེད་པའི་དབུལ་ཕྱུག་གི་བར་ཁྱད་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ད་ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ནས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་བར། འབྲུག་རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ་རྒྱལ་དམངས་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་ཐེངས་གཉིས་ལ་སྤེལ། སྐོར་ཐེངས་དང་པོའི་འདེམ་ཤོག་ཁྲོད་སྐབས་སྔོན་མའི་སྲིད་འཛིན་ཏང་མི་དམངས་དམངས་གཙོ་ཏང་ལ་ཕམ་ཁ་བྱུང་། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། སྔོན་ཆད་ཕྱི་ནད་ཚན་ཁག་གི་སྨན་པ་བློ་གྲོས་ཚེ་རིང་གིས་མགོ་ཁྲིད་པའི་འབྲུག་གཅིག་གྱུར་ཏང་འགྲན་ཡ་ལས་རྣམ་པར་རྒྱལ་ནས། རྒྱལ་དམངས་གྲོས་ཁང་གི་ལས་གནས་ཞེ་བདུན་ཁྲོད་ཀྱི་སུམ་ཅུ་ཐོབ་སྟེ་སྲིད་འཛིན་ཏང་ཁག་གསར་བར་གྱུར་བ་རེད། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།