ཅཱ་ལི་ཧྥུའུ་ཉི་ཡཱ་ཀྲིག་གི་ཆང་ཁང་ཞིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།
2018.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཨ་མེ་རི་ཁའི་ཝུན་ཐུའུ་ལཱ་རྫོང་ཧྲའོ་སིན་ཨིག་ཁི་སི་གྲོང་ཁྱེར་དུ། ཉེན་རྟོག་པས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་ཆང་ཁང་གི་ཉེ་འདབས་སུ་བདེ་སྲུང་ལས་འགན་ལག་བསྟར་བྱེད་བཞིན་པ། 


ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་ཀྲིག་ལྷོ་ཕྱོགས་ཀྱི་ཝུན་ཐུའུ་ལཱ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་གྱི་ཞོགས་པར་བཤད་རྒྱུར། ཚེས་བདུན་ཉིན་གྱི་དགོང་མོར་རྫོང་དེ་ནས་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་འཇབ་རྒོལ་མཁན་དང་ཉེན་རྟོག་པ་འདུས་པའི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུའི་ཡས་མས་སུ་བྱུང་བ་དང་། མེ་མདའ་བཟུང་བའི་མི་ཞིག་རྫོང་དེའི་ཧྲའོ་སིན་ཨིག་ཁི་སི་གྲོང་ཁྱེར་གྱི་ཆང་ཁང་ཞིག་ཏུ་སོང་ནས། དུད་སྨུག་གི་ཁྲོད་ནས་མི་ཚོགས་ལ་མེ་མདས་བརྒྱབ་པ་རེད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བསྟན་དོན། སྐབས་ཐོག་དེར་ཆང་ཁང་དེའི་ནང་མི་བརྒྱ་ཕྲག་འགའ་ཡོད་ཟེར།
ཧྲའོ་སིན་ཨིག་ཁི་སི་གྲོང་ཁྱེར་དེ་ལའོ་ཧྲན་ཅི་གྲོང་ཁྱེར་ནུབ་ངོས་ཀྱི་སྤྱི་ལེ་རེ་ལྔའི་མཚམས་སུ་ཡོད།