སྤེལ་དུས།2018.11.09 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0


ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཧན་གོར་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཉིན་རིམ་བྲེལ་བ་ཆེ་བའི་དབང་གིས་སྔོན་ཆད་གཟའ་འཁོར་འདིར་སྤེལ་བར་ཐག་བཅད་ཡོད་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་དེ་རྗེས་སུ་སྣུར་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར།
ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཧན་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་གཞོན་པ་ཅིན་ཏི་ཧོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཧན་གོའི་ཕྱོགས་ལ་ཨ་མེ་རི་ཁའི་ཐེངས་འདིའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་མོལ་རྗེས་སུ་སྣུར་བའི་འབྲེལ་ཡོད་གསལ་བཤད་འབྱོར་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱི་གསལ་བཤད་ལྟར་ན། ཁྲའོ་ཞན་གྱིས་ཉིན་རིམ་བྲེལ་བ་ཆེ་བའི་དབབང་གིས་གྲོས་མོལ་རྗེས་སུ་སྣུར་བའི་གྲོས་གཞི་བཏོན་པ་རེད།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་གཟའ་འཁོར་འདིའི་ནང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཀྲེ་དང་མཉམ་དུ་སྤེལ་བར་ཐག་བཅད་ཡོད་པའི་གྲོས་མོལ་དེ་རྗེས་སུ་སྣུར་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་རྗེས་སུ་སྣུར་བའི་བྱེ་བྲག་གི་རྒྱུ་རྐྱེན་བཤད་མེད་ལ། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མིག་སྔའི་གྲོས་མོལ་ཚོགས་འདུ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་སྔར་བཞིན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཟླ་དྲུག་པར་སིང་ག་ཕོར་གྱི་གྲོས་མོལ་སྐབས་སུ་བཞག་པའི་ཁས་ལེན་དམ་བཅའ་དངོས་འབེབ་བྱེད་པར་བརྩོན་རྒྱུའི་ཚུལ་བསྟན།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།