ཨུ་རུ་སི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད།
2018.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31


ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་རྨང་གཞིའི་སྟེང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱིས་ཉིན་དེར་་སིང་ག་ཕོར་ནས་ཨུ་རུ་སི་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཨུ་རུ་སི་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་འབྲེལ་བ་དེ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། ཕྱོགས་གཉིས་ཀྱི་བཟོ་ལས་དང་མཐོ་གསར་ཚན་རྩལ། ནུས་ཁུངས། ཞིང་ལས་བཅས་འདུས་པའི་ཁྱབ་ཁོངས་མང་བོ་ནས་མཉམ་ལས་སྤེལ་བཞིན་ཡོད་ལ། ཨུ་རུ་སི་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་གཉེར་མཉམ་ལས་ལམ་ཐིག་རི་མོ་བདེ་བླག་ངང་དངོས་འབེབ་བྱེད་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོར། ཨུ་རུ་སི་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་སྤེལ། འདས་པའི་ལོ་གཉིས་ཀྱི་ནང་། ཨུ་རུ་སི་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་བྱ་བ་མང་བོ་སྤེལ་ཏེ་ཆབ་སྲིད་གྲོས་མོལ་ལ་སྐུལ་སྤེལ་བྱས། ཨུ་རུ་སི་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་མཐུན་སྦྱོར་བྱས་པ་དང་། མཉམ་དུ་ས་ཁུལ་གྱི་གཏན་འཇགས་ཐད་ཀྱི་འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་བྱ་དགོས་པར་མ་ཟད། འཇིགས་སྐུལ་རིང་ལུགས་དང་དུག་རྫས་ལྐོག་འཚོང་། རྩ་འཛུགས་ཅན་གྱི་ནག་ཉེས་སོགས་ཆམ་ཕབ་གཏོང་བའི་ཐད་ཀྱི་མཉམ་ལས་སྲ་བརྟན་དུ་བཏང་།