ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧི་ཐེ་ཏཱའི་དཔུང་འཇུག་གནས་སྐབས་སུ་མཚམས་བཞག
2018.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18


ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧི་ཐེ་ཏཱའི་ཧུའུ་སེ་དྲག་ཆས་པར་དམིགས་པའི་དཔུང་འཇུག་གནས་སྐབས་སུ་མཚམས་བཞག་ཡོད་ཟེར།
མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་གཡུལ་སའི་བཀོད་འདོམ་དཔོན་པོ་ཞིག་གིས་ཉིན་དེར་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧི་ཐེ་ཏཱ་གྲོང་ཁྱེར་ཁུལ་བཙན་བཟུང་བྱས་པའི་ཧུའུ་སེ་དྲག་ཆས་པར་དཔུང་འཇུག་བྱེད་མཚམས་བཞག་ཡོད་ཟེར། ཁོས་བསྟན་དོན། བྱ་སྤྱོད་དེ་ནི་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ལག་བསྟར་བྱས་པའི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་བཞག་པའི་སྣང་ཚུལ་ཞིག་ཡིན་པ་དང་། དེ་དུས་ཡུན་རིང་བོ་འགོར་མི་སྲིད། རྒྱུ་མཚན་ནི་གྲོང་ཁུལ་དུ་ཁེགས་ཡོད་པའི་ཧུའུ་སེ་དྲག་ཆས་ཉེས་ཅན་གྱིས་མིག་སྔར་མུ་མཐུད་དུ་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱེད་བཞིན་ཡོད་པས་རེད་ཟེར།
ཡེ་མིན་སྲིད་གཞུང་གི་མི་གཞན་ཞིག་གིས་བཤད་རྒྱུར། ཧི་ཐེ་ཏཱའི་དཔུང་འཇུག་མཚམས་བཞག་པ་ནི་ཡེ་མིན་སྲིད་གཞུང་དམག་དཔུང་གི་གདམ་གསེས་ཤིག་ཡིན་ཡང་། དགོས་ངེས་ཀྱི་གདམ་གསེས་ཤིག་མ་ཡིན། ཧི་ཐེ་ཏཱའི་དཔུང་འཇུག་མཚམས་བཞག་པ་ནི་མི་ཆོས་རིང་ལུགས་ཀྱི་དམིགས་ཡུལ་ཆེད་དུ་ཡིན་པ་དང་། མི་སེར་དཀྱུས་མའི་བདེ་འཇགས་དེ་དམག་དོན་གྲུབ་འབྲས་གང་རུང་ལས་གལ་ཆེན་ཡིན་ཟེར།