མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སུའེ་ཏེན་ནས་ཞི་བའི་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།
2018.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མིན་གནད་དོན་གྱི་ཡོངས་བསྒྲགས་གྲོས་ཚོགས་སྤེལ། 


མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཁོས་ཉེ་སྔོན་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་འཐུས་མིས་སུའེ་ཏེན་ནས་སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་སྤེལ་བའི་འཆར་གཞི་འཐེན་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མགོ་ཁྲིད་རིམ་པས་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུ་ཁས་ལེན་བྱས་ཡོད་ཟེར།