ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པ་གྲོལ།
2018.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པ་ཚེས་བཅོ་བརྒྱད་ཉིན་པཱ་པུའུ་ཡཱ་ཀུའེ་ནེ་ཡཱ་གསར་བའི་རྒྱལ་ས་མའོ་ཨར་ཙི་པུས་ཀང་ནས་གྲོལ། གཙོ་སྒྲུབ་ཕྱོགས་པཱ་པུའུ་ཡཱ་ཀུའེ་ནེ་ཡཱ་གསར་བའི་ཙུང་ཐུང་ཨོ་ནེ་ཨར་གྱིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་གྲོས་གཞི་མང་བོར་གྲོས་བསྡུར་བྱས་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་དང་ས་ཁུལ་དཔལ་འབྱོར་གཞི་གཅིག་ཅན་ལ་ཡར་སྐུལ་བཏང་སྟེ། ས་ཁུལ་རང་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ཐུན་མོང་གི་ལྟ་ཚུལ་བྱུང་།
ཨོ་ནེ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ས་ཁུལ་རང་གི་མདུན་དུ་ལྷགས་པའི་འགྲན་རྩོད་གསར་བར་གྲོས་བསྡུར་བྱས། དེར་འབྲེལ་གྱི་གྲོས་གཞི་ལ་གྲངས་ལྡན་དཔལ་འབྱོར་དང་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ། ཁེ་ལས་འབྲིང་ཆུང་། གསར་གཏོད། སྒྲིག་ལུགས་རང་བཞིན་གྱི་བཅོས་བསྒྱུར། འབྲུ་རིགས་བདེ་འཇགས་སོགས་འདུས། མུ་མཐུད་དུ་དཔལ་འབྱོར་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པ་དང་ཉོ་ཚོང་གི་བཀག་རྒྱ་ཇེ་ཉུང་དུ་གཏོང་བར་ཡིད་འཐད་བྱུང་བ་དང་། ས་ཁུལ་དེའི་མང་ཚོགས་ལ་དར་རྒྱས་བསྐྲུན་ཡོད།
བཟོད་སྒོམ་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲངས་ལྡན་ཅན་གྱི་མ་འོངས་པ་བསུ་བའི་གྲོས་ཚོགས་ཀྱི་བརྗོད་སྙིང་ཐད་ནས་ཨོ་ནེ་ཨར་གྱིས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་མཐོ་གསར་ཚན་རྩལ་ལས་འབྱུང་སྲིད་པའི་ཤུགས་རྐྱེན་ཁས་ལེན་བྱས་པ་དང་། ལས་ཞུགས་གསར་སྐྲུན་དང་སློབ་གསོ། གསོ་སྦྱོང་སོགས་ཀྱི་ཐད་ཐག་གཅོད་བྱེད་ཐབས་སྤྱོད་དགོས་པར་འདོད།
ཨོ་ནེ་ཨར་གྱིས་བཤད་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཚོགས་པ་སོ་སོས་ངེས་པར་དུ་དམིགས་འབེན་མངོནའ་གྱུར་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོར་རང་དབང་དང་སྒོ་འབྱེད་ཀྱི་དངུལ་གཏོང་ཉོ་ཚོང་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས། དེའི་ཞོར་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་དམིགས་འབེན་གཏན་འཁེལ་བྱེད་བཞིན་ཡོད་པ་དང་། ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་ཡོད་ཟེར།
ཨོ་ནེ་ཨར་གྱིས་བཤད་རྒྱུར། མིག་སྔར་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་ཡང་། ང་ཚོ་ད་ལྟའི་གནས་བབ་ལ་ཡིད་ཚིམས་ནས་འདུག་མི་རུང་བ་དང་། ངེས་པར་དུ་འཕེལ་རྒྱས་གསར་བ་དང་ཚན་རྩལ་གསར་བ་ཁོང་དུ་ཆུད་པར་བྱས་ཤིང་གནད་འགག་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་བྱས་ཏེ། ཧུར་ཐག་སྒོས་ང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།
ཉིས་སྟོང་བཅུ་དགུ་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་ཀྲི་ལི་ནས་སྤེལ་རྒྱུ་རེད།