ཡེ་མིན་སྲིད་གཞུང་གིས་ཞི་བའི་གྲོས་མོལ་ལ་ཞུགས་པར་ཡིད་འཐད་བྱུང་། 
2018.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23


ཡེ་མིན་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་བྱེད་པའི་ཞི་བདེའི་གྲོས་མོལ་ལ་ཞུགས་པར་ཡིད་འཐད་བྱུང་བ་ཁྱབ་སྒྲོག་བྱས། 

ཡེ་མིན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཞི་བདེའི་གྲོས་མོལ་ཐད་བསྒྲུབས་པའི་བྱ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་དང་། འཐུས་ཚབ་ཚོགས་པ་མངག་ནས་ཞི་བདེའི་གྲོས་མོལ་ལ་ཞུགས་ནས། ཡེ་མིན་གྱི་ཉམས་ཉེན་དེ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མིན་ཧུའུ་སེ་དྲག་ཆས་པར་གནོན་ཤུགས་བྱིན་ནས། ཧུའུ་སེ་དྲག་ཆས་པ་ཟུར་སྣོན་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་གྲོས་མོལ་ལ་ཞུགས་པར་ཡིད་འཐད་འབྱུང་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལངས་ཕྱོགས་གཅིག་གྱུར་བྱས་ཤིང་། ཧུའུ་སེ་དྲག་ཆས་པའི་གྲོས་མོལ་ལ་འགོར་འགྱངས་བྱེད་པ་དང་དུས་ལྟར་ཞི་བདེའི་གྲོས་མོལ་ལ་མི་ཞུགས་པའི་གཏོར་བརླག་གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་ཡང་། གསལ་སྒྲོག་དེ་ལས་ཞི་བདེའི་གྲོས་མོལ་སྤེལ་བའི་དུས་ཚོད་གསལ་བོར་བསྒྲགས་མེད།