ཧུའུ་སེ་དྲག་ཆས་པས་ཞི་བདེའི་གྲོས་མོལ་གྱི་ཆེད་དུ་དམག་དོན་འགུལ་སྐྱོད་ཚང་མ་མཚམས་འཇོག་འདོད་ཡོད་པ་ཁྱབ་སྒྲོག་བྱས། 
2018.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27


ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ལ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་། ཞི་བདེའི་གྲོས་མོལ་གྱི་ཆེད་དུ་དམག་དོན་འགུལ་སྐྱོད་ཡོད་ཚང་མཚམས་འཇོག་རྒྱུ་ཡིན་ཟེར། 

ཉིན་དེའི་དགོང་མོར། ཧུའུ་སེ་དྲག་ཆས་པ་ཆེས་མཐགོའི་གསར་བརྗེའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་ཧྥུའུ་སེ་ཡིས་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དེ་མིན་མནའ་མཐུན་གྲོགས་པོའི་བར་གྱི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱ་འགུལ་མཚམས་བཞག་སྟེ། ཁོ་ཚོས་མུ་མཐུད་དུ་བཙན་འཛུལ་དང་བཀག་སྡོམ་བྱེད་པར་ཁ་གཡོར་ས་གང་རུང་འཚོལ་བར་སྔོན་འགོག་བྱེད་རྒྱུ་མ་ཟད། ང་ཚོས་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་པའི་གྲ་སྒྲིག་བྱས་ཡོད་ཟེར། 

ཁོས་བཤད་རྒྱུར། བྱ་སྤྱོད་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་བཏོན་པའི་འབྲེལ་ཡོད་རེ་བར་ལན་སྟེར་བའི་ཆེད་ཡིན་པ་དང་། ཞི་བདེའི་གྲོས་མོལ་ནང་མ་ཞུགས་གོང་གི་མཛའ་མཐུན་གྱི་རྣམ་འགྱུར་ཞིག་ཡིན་ལ། ཡེ་མིན་གྱི་ཞི་བདེ་སྔ་མོ་ནས་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད།