ཨ་ཧྥུའུ་ཧན་ནས་རྒྱལ་ས་ནས་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་འཛིན་བཟུང་བྱས། 
2018.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39


ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་བདེ་འཇགས་སྡེ་ཁག་གིས་ཉེ་སྔོན་རྒྱལ་ས་ཁཱ་པོར་ནས་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་འཛིན་བཟུང་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་མི་བཞི་བོ་ཚང་མ་ཨ་ཧྥུའུ་ཧན་གྱི་མི་ཡིན་པ་དང་། ཁོ་ཚོས་ཁཱ་པོར་གྱི་ས་ཁུལ་མི་འདྲ་བ་ནས་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པ་རེད། བདེ་འཇགས་མི་སྣས་ད་རུང་མཚོན་ཆ་མང་བོ་གཞུང་བཞེས་བྱས། མི་བཞི་བོ་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་ཡན་ལག་རུ་ཁག་ཏུ་གཏོགས་པ་ཁས་ལེན་བྱས་ཡོད། 

ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་མི་བཞི་བོ་དེའི་རུས་མིང་དང་འདྲ་པར་ཁྱབ་སྒྲོག་བྱས་ཀྱང་། ཁོ་ཚོ་འཛིན་བཟུང་བྱས་པའི་དུས་ཚོད་དང་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད།