ཐུར་ཁེ་ཡིས་ཨེ་ཆིན་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་བཅུ་གཉིས་འཛིན་བཟུང་བྱས། 
2018.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 77

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུའི་ཉིན་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་ཨེ་ཆིན་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་བཅུ་གཉིས་འཛིན་བཟུང་བྱས། 

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་གསལ་སྒྲོག་སྤེལ་ཏེ། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་མུའུ་ལཱ་ཞིང་ཆེན་གྱི་པའོ་ཏི་ལུའུ་མུའུ་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་གྲུ་གཟིངས་ཤིག་བཀག་ཡོད་ཟེར། བསྒྲགས་པ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་ནི་སོ་མཱ་ལི་དང་སི་རི་ཡཱ། ཕཱ་ལེ་སི་ཐན། ཨེ་ཅིབ། ཡེ་མིན། དབྱི་རག་སོགས་རྒྱལ་ཁབ་ནས་ཡོང་བ་རེད་ཟེར། 

ཐུར་ཁེའི་ནང་སྲིད་པུའུ་ཀྲང་སོ་དབྱེ་ལུའུ་ཡིས་ཉིན་དེར་བཤད་རྒྱུར། ད་ལོའི་ཚུན་ལ། ཐུར་ཁེ་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་འབུམ་གཉིས་དང་ཁྲི་ལྔ་འཛིན་བཟུང་བྱས་པ་དང་། དེ་ལས་གཞན་ཐུར་ཁེ་ཕྱོགས་ཀྱིས་ད་རུང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་ལྔ་དང་སྟོང་བཞི་མཐར་སྐྲོད་བཏང་ཡོད།