དབྱི་རག་གིས་བྱ་འགུལ་སྤེལ་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བར་རྒྱལ་ཁ་བླངས་ནས་ལོ་གཅིག་འགོར་བར་རྟེན་འབྲེལ་ཞུས། 
2018.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

དབྱི་ལིང་སྲིད་གཞུང་གིས་ཚེས་བཅུའི་ཉིན་བྱ་འགུལ་སྤེལ་ཏེ། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བར་རྒྱལ་ཁ་བླངས་ནས་ལོ་ངོ་གཅིག་འགོར་བར་རྟེན་འབྲེལ་ཞུས། 

དབྱི་རག་གི་ཙུང་ལི་མེད་ཧི་ཏིས་ཉིན་དེར་དབྱི་རག་རྒྱལ་སྲུང་པུའུ་ནས་རྟེན་འབྲེལ་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། དབྱི་རག་གིས་རེ་བསྙེག་བྱེད་པའི་ཆེས་མཇུག་མཐའི་རྒྱལ་ཁ་དང་ཆེས་མཐོའི་དམིགས་འབེན་ནི་རྒྱལ་ཁབ་གཏན་འཇགས་ཡོང་བ་དང་མང་ཚོགས་བདེ་སྐྱིད་ལྡན་པ། དྲང་བདེན་མངོན་འགྱུར་བྱེད་པ། དབྱི་རག་གི་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་གཏོང་བ་བཅས་ཡིན། ཁོས་ཞོར་དུ་ནུས་ཤུགས་ཡོད་དགུས་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ལ་ཡར་སྐུལ་བཏང་སྟེ། འཐབ་འཁྲུག་ཁྲོད་རང་ཁྱིམ་དང་ཁ་བྲལ་བའི་མང་ཚོགས་རྣམས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས། 

དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་ནས་ཆབ་སྲིད་རྒྱལ་ཁ་དང་སྤྱི་ཚོགས་རྒྱལ་ཁ་མངོན་འགྱུར་བྱས་ཤིང་། འཇིགས་སྐུལ་རྩ་འཛུགས་དང་ནག་ཉེས་བྱ་འགུལ་འབྱུང་སའི་གནས་མེད་པར་བྱས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེའི་ཕྱི་དྲོར། དབྱི་རག་སྲིད་གཞུང་དང་མང་ཚོགས་ཀྱིས་རྒྱལ་ས་པཱ་ཀི་ཏཱ་སོགས་ས་ཁུལ་ནས་མཛད་སྒོ་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་སྐར་མ་གཅིག་གི་ཡུན་ལ་མྱ་ངན་ཞུས།