ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་དགུར་རྨས་ཕོག
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཧྥ་རན་སིའི་སི་ཐི་ལཱ་སི་པའོ་གྲོང་ཁྱེར་དུ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་། བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག མེ་མདས་བརྒྱག་མཁན་བྲོས་བྱོལ་བྱེད་བཞིན་ཡོད་ཟེར།
བསྒྲགས་པ་ལྟར་ན། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་སི་ཐི་ལཱ་སི་པའོ་གྲོང་ཁྱེར་ལྟེ་གནས་ཀྱི་ཀུན་འདུས་ཚོང་ར་ཞིག་ནས་བྱུང་བ་དང་། བྱེ་བྲག་གི་གནས་ཚུལ་ད་རུང་གསལ་བོར་མི་ཤེས་ཟེར།
ཧྥ་རན་སིའི་ནང་སྲིད་པུའུ་ཡིས་ཉིན་དེའི་དགོང་མོར་བཤད་རྒྱུར། སི་ཐི་ལཱ་སི་པའོ་གྲོང་ཁྱེར་ནས་སྤྱི་བའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་ཞིག་བྱུང་བས། སྡོད་དམངས་དག་སྒོའི་ཕྱིར་མི་འགྲོ་བའི་རེ་བ་བཏོན་ཡོད།