མའོ་ཞི་ཁོའི་དབུས་ཕྱོགས་ས་ཁུལ་དུ་ཤོག་སྦག་འགས་གཏོར་བྱུང་བའི་དོན་རྐྱེན་ཞིག་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར།
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

མའོ་ཞི་ཁོའི་དབུས་ཕྱོགས་ཀྱི་ཁི་ལོས་ཐཱ་ལོ་ཀྲིག་སྲིད་གཞུང་གིས་ཚེས་བཅུ་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཀྲིག་དེའི་ཐི་ཅི་སི་ཅི་ཡཱ་ཕན་གྲོང་ཁྱེར་གྱི་ཆོས་ཁང་ཞིག་གི་ཉེ་འདབས་སུ་ཉར་འཇོག་བྱས་ཡོད་པའི་ཤོག་སྦག་ཉིན་དེར་འགས་གཏོར་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀ་ཡས་མས་སུ་བྱུང་བ་དང་། ཡུལ་དངོས་ནས་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། མི་གཅིག་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་རྐྱེན་ལམ་དུ་ཤོར། གཞན་ཡང་མི་དགུའི་རྨས་སྐྱོན་ཅུང་ཚབས་ཆེ་བ་དང་། སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། འགས་གཏོར་བྱུང་བའི་ཤོག་སྦག་དེ་དག་ཆོས་ལུགས་ཀྱི་དུས་ཆེན་ལ་བེད་སྤྱོད་བྱེད་པའི་འཆར་གཞི་ཡོད་པ་རེད། རྟོག་ཞིབ་མི་སྣས་ཤོག་སྦག་དེ་དག་ཉར་འཇོག་བྱེད་ཐབས་ལུགས་མཐུན་མིན་པ་ཤེས་ཀྱང་ནུས་ལྡན་གྱི་སྲུང་སྐྱོབ་བྱེད་ཐབས་མ་སྤྱད་པ་རེད་ཟེར།
བསྒྲགས་པ་ལྟར་ན། འགས་གཏོར་བྱུང་སྐབས་མང་ཚོགས་མང་བོ་ཆོས་ཁང་གི་ཉེ་འདབས་སུ་འདུས་ཡོད་པ་དང་། དེ་ནི་ཐེངས་འདིའི་དོན་རྐྱེན་ལ་ཤི་རྨས་ཅུང་ཚབས་ཆེ་བའི་རྒྱུ་རྐྱེན་ཞིག་རེད་ཟེར།