ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་ཉེར་བདུན་བསད། 
2018.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འདས་པའི་ཉིན་འགའི་རིང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐོལ་རྒོལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་ཉེར་བདུན་བསད་ཟེར། 

ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ལི་ཧྥ་དབྱེ་ཡིས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཞི་ནེ་ཕྱེད་གླིང་གི་བྱེ་མའི་ས་ཁུལ་དུ་འཇིགས་སྐུལ་ཉེས་ཅན་ཉེར་བཞི་བསད་པ་དང་། གཞན་ཡང་མཚོན་ཆ་བཟུང་བའི་དྲག་ཆས་ཉེས་ཅན་གསུམ་མཐའ་མཚམས་ཀྱི་བྱེ་ཁུལ་དང་རི་ཁུལ་ནས་ཚར་གཅོད་བྱས་པ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་ཧ་ལམ་མི་བཞི་བརྒྱ་དང་གསུམ་འཛིན་བཟུང་བྱས་པ་དང་། འགད་རྫས་སུམ་བརྒྱ་དང་ཞེ་བཞི་གཏོར་ལེན་བྱས། མཚོན་ཆ་དང་སྒྲིག་ཆས་སྦས་སྐོང་བྱེད་ས་སུམ་བརྒྱ་དང་ཞེ་གཉིས་གཏོར་བཤིག་བཏང་ཡོད་ལ། ཞི་ནེ་བྱང་མར་ཡོད་པའི་མཚོན་ཆ་ལྐོག་འདྲེན་བྱེད་པར་བཀོལ་བའི་ཕུག་ལམ་བཞི་གཏོར་ཡོད་ཟེར།