ཀྲུང་གོའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་སྐབས་དགུ་བ་ཏིས་པེད་ནས་སྤེལ། 
2018.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཀྲུང་གོའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་སྐབས་དགུ་བ་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་འཛམ་གླིང་ཉོ་ཚོང་ལྟེ་གནས་ནས་སྤེལ། 

སྐབས་འདིའི་འགྲེམ་སྟོན་དུ་འཁེལ་འཐག་གྱོན་ཆས་དང་། ཁྱིམ་སྤྱོད་མཁོ་ཆས། ལྷུ་ལག ཁྱིམ་གློག འཛད་སྤྱོད་གློག་རྡུལ། ཁྱིམ་ཆས་ལེགས་སྐྱེས་སོགས་འགྲེམ་སྟོན་བྱེད་ས་གཙོ་བོ་དང་རིག་གནས་གསར་གཏོད་ཀྱི་ཞབས་ཞུའི་ཉོ་ཚོང་འགྲེམ་སྟོན་ཁུལ་བཀོད་སྒྲིག་བྱས་ཡོད་ལ། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་བཅོ་ལྔ་ནས་ཡོང་བའི་ཁེ་ལས་སྟོང་གཅིག་དང་ཉིས་བརྒྱ་འགྲེམ་སྟོན་ལ་ཞུགས། 

འགྲེམ་སྟོན་ཡུལ་དངོས་ནས་ཉོ་བསྡུ་བྱས་པའི་ཚོང་རྫས་དག་དུས་བཅད་ལྟར་རང་ཁྱིམ་དུ་སྐྱེལ་བ་དང་ཕྱི་རྒྱལ་གྱི་མཛོད་ཁང་ནས་རང་ཉིད་ཀྱིས་ལེན་པ་སོགས་ཀྱིས་ཉོ་མཁན་གྱི་ལག་ཏུ་འབྱོར་ཐུབ། 

འགྲེམ་སྟོན་རྩ་འཛུགས་མཁན་གྱིས་མཚམས་སྦྱོར་བྱས་དོན། འགྲེམ་སྟོན་དེ་ནི་ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་སྤེལ་བའི་ཆེས་ཆེ་བའི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་པ་རེད།