ཐུར་ཁེ་ནས་མྱུར་བགྲོད་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར། 
2018.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱའི་མེ་འཁོར་ས་ཚིགས་ཤིག་ནས་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བདུན་ལ་རྨས་ཕོག 

ཨན་ཁཱ་ལཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཧྲ་ཞིན་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཉིན་དེའི་ཞོགས་པར་ཨན་ཁཱ་ལཱ་ནས་དབུས་ཕྱོགས་ཀྱི་ཁི་ནེ་ཡཱ་ཞིང་ཆེན་དུ་བགྲོད་པའི་མྱུར་བགྲོད་མེ་འཁོར་ཞིག་དང་མེ་འཁོར་གཞན་པའི་འཁོར་མགོ་ཞིག་མེ་འཁོར་ས་ཚིགས་ནས་ཐོ་བརྒྱབ་པ་དང་། དེའི་རྗེས་སུ་ཉེ་འདབས་ཀྱི་གནམ་འདེགས་ཟམ་པར་ཐོ་བརྒྱབ་སྟེ། འཁོར་སྒམ་གཉིས་ལྕགས་ལམ་ལས་བརྒལ་བས་མི་སྣ་མང་བོར་ཤི་རྨས་ཐེབས་ཡོད་ཟེར། 

ས་དེའི་བརྙན་འཕྲིན་ཐད་གཏོང་ལས་མངོན་པ་ལྟར་ན། གནམ་འདེགས་ཟམ་པའི་ཁག་ཅིག་ལ་རྡིབས་སྐྱོན་བྱུང་སྟེ་རྩིབས་སུ་ལོག་པའི་མེ་འཁོར་གྱི་འཁོར་སྒམ་སྟེང་དུ་ལྷུང་ཡོད། 

མིག་སྔར་རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།