སྤེལ་དུས།2019.01.11 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་ལོ་ཁི་ཁི་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གིས་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། རྒྱལ་ཁབ་དེར་སྔར་བཞིན་མི་ཆོས་རིང་ལུགས་ཀྱི་གནས་བབ་ཐད་ནས་གྲུབ་འབྲས་ཐོབ་པར་བྱ་དགོས་ཟེར།
ལོ་ཁི་ཁི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཡེ་མིན་གྱི་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། ཁྱབ་ཁོངས་ཆེན་མོ་ནས་བལྟས་ན། ཡེ་མིན་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་བཟང་དུ་སོང་མེད་ལ། སྔར་བཞིན་གནོད་འཚོའི་རྣམ་པར་གནས་ཡོད། ཡེ་མིན་དུ་མིག་སྔར་མི་བྱེ་བ་གཉིས་དང་ས་ཡ་བཞི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན། དེའི་ནང་མི་ས་ཡ་གཅིག་ཙམ་ལ་ཟས་རིགས་དཀོན་པའི་གནད་དོན་ཧ་ཅང་ཚབས་ཆེན་ཡིན། དེ་ལས་གཞན་ཡེ་མིན་གྱི་ནང་འཁྲུག་ལས་མི་ས་ཡ་གསུམ་དང་འབུམ་གསུམ་ཡུལ་གཞན་དུ་འཁྱམ་དགོས་བྱུང་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།