སྤེལ་དུས།2019.01.11 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུའི་ཉིན་བསྟན་དོན། དབྱི་ལིང་གིས་མ་འོངས་པའི་གཟའ་འཁོར་འགའི་ནང་རྒྱལ་ཁབ་རང་གིས་ཐོན་སྐྱེད་བྱས་པའི་མེ་ཤུགས་སྐྱེལ་འདྲེན་འཕུར་མདའ་བཀོལ་ནས་མིས་བཟོས་འཁོར་སྐར་གཉིས་གཏོང་འཕེན་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཉིན་དེར་དབྱི་ལིང་གི་སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཧྥུའུ་སང་ཅཱ་ནེ་སྐུ་གཤེགས་ནས་ལོ་གཉིས་འགོར་བའི་རྗེས་དྲན་མཛད་སྒོའི་སྟེང་གོང་གི་སྐད་ཆ་དེ་བཀད་པ་རེད།
དབྱི་ལིང་གིས་མེ་ཤུགས་སྐྱེལ་འདྲེན་འཕུར་མདའ་གཏོང་འཕེན་བྱེད་རྩིས་ཡོད་པའི་གནས་ཚུལ་ཐད་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཟླ་འདིའི་ཚེས་མགོར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་ལིང་གིས་མེ་ཤུགས་སྐྱེལ་འདྲེན་འཕུར་མདའ་གཏོང་འཕེན་བྱེད་པའི་འཆར་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་པས། དབྱི་ལིང་གིས་འབྲེལ་ཡོད་བྱ་འགུལ་མཚམས་འཇོག་དགོས་པའི་རེ་བ་བཏོན།
དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་དེའི་རྗེས་སུ་བསྟན་དོན། དབྱི་ལིང་གིས་མེ་ཤུགས་སྐྱེལ་འདྲེན་འཕུར་མདའ་སོགས་འཕེལ་རྒྱས་བཏང་བ་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་མེད་ལ། ཨ་མེ་རི་ཁར་དབྱི་ལིང་ལ་སྐྱོན་འཛུགས་བྱེད་པའི་ཐོབ་ཐང་མེད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།