ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་མགོ་བརྩམས་པ་བདེན་དཔང་བྱས།
2019.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨ་མེ་རི་ཁའི་ཉིག་ཡོ་དུས་སྐབས་ཚགས་པར་གྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་མགོ་ཁྲིད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་རོས་ཨིན་གྱིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་མགོ་བརྩམས་པ་བདེན་དཔང་བྱས་ཡོད་ཟེར། ཡིན་ཡང་འགུལ་སྐྱོད་བདེ་འཇགས་ལ་བསམ་བློ་བཏང་ནས་བྱེ་བྲག་གི་དུས་ཚོད་དང་ས་གནས། དམག་དཔུང་བཀོད་སྒྲིག་གི་གནས་ཚུལ་ཞིབ་མོ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་སྔོན་སི་རི་ཡཱ་ནས་དམག་དོན་སྒྲིག་ཆས་སྐོར་ཐེངས་དང་པོ་ཕྱིར་འཐེན་བྱས་ཟེར།
གཟའ་འཁོར་སྔོན་མའི་གཟའ་ཉི་མའི་ཉིན། ཨ་མེ་རི་ཁའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ད་རུང་བསྟན་དོན། ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་ཆ་རྐྱེན་ཡོད་དེ། ཨ་མེ་རི་ཁའི་དམག་དཔུང་གནས་དེར་ཟླ་ངོ་འགའ་དང་ཐ་ན་ལོ་འགར་བཅའ་སྡོད་བྱེད་སྲིད་ཟེར། ཉིག་ཡོ་དུས་སྐབས་ཚགས་པར་གྱིས་བལྟས་ན། པའོ་ཨར་ཏོན་གྱིས་གོང་གི་གཏམ་བཤད་དེ་སྤེལ་ནས་ཅང་མ་འགོར་བར། ཐུར་ཁེ་ཡིས་སི་རི་ཡཱ་ལ་དཔུང་འཇུག་བྱེད་པར་འཇིགས་སྐུལ་བའི་སྐབས་སུ། ཨ་མེ་རི་ཁའི་དམག་དཔུང་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་པའི་གནས་ཚུལ་བསྒྲགས་པ་ལས། ཨ་མེ་རི་ཁས་སི་རི་ཡཱའི་སྲིད་ཇུས་ལ་རྙོག་དྲ་བཟོ་བཞིན་གསལ་བོར་མངོན་ཡོད་ཟེར།