སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་དཔོན་རིགས་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ནས་བདེ་འཇགས་ས་ཁུལ་འཛུགས་པར་ཁས་ལེན་མ་བྱས། 
2019.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་མཐོ་རིམ་དམག་དཔོན་ཞིག་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ནས་བདེ་འཇགས་ས་ཁུལ་འཛུགས་སྐྲུན་བྱེད་རྩིས་ཡོད་པ་ནི་ས་ཁུལ་དེར་དམག་དོན་བཙན་བཟུང་བྱེད་འདོད་པ་ཡིན་པས། ཁུའུ་ཨར་ཏི་དྲག་ཆས་པས་དེ་དོན་དེ་གཏན་ནས་ཁས་ལེན་བྱེད་མི་སྲིད་ཟེར། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གི་མཐོ་རིམ་དམག་དཔོན་ཧཱ་ལེ་ལེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐུར་ཁེའི་ཕྱོགས་གཞན་པའི་སེམས་ཁུར་དང་སི་རི་ཡཱའི་ཐུར་ཁེའི་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱས། ཁུའུ་ཨར་ཏི་དྲག་ཆས་པས་ཐུར་ཁེའི་བར་བཟོད་སྒོམ་བརྗེད་ཐོ་འགོད་འདོད་ཡོད་པའི་ཚུལ་བསྟན།