དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་རེད།
2019.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 106

དབྱིན་ཇིའི་དབུ་བཞུགས་བློན་ཆེན་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེའི་རྒྱུ་ཆའི་པར་རིས།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཚེས་ལྔ་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཚེས་བདུན་ཉིན་བྱ་བའི་གྲོས་མོལ་སྤེལ་ཏེ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད།
བསྒྲགས་པ་ལྟར་ན། དབྱིན་ཇིའི་གྲོས་ཁང་གིས་ཐི་ལོས་ཧྲ་མཱེ་ཡིས་ན་ནིང་ཡོ་རོབ་གླིང་མནའ་འབྲེལ་བར་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཁས་ལེན་མ་བྱས་པ་དང་། དབྱིན་ཇིའི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཆར་གཞིར་དོགས་གཞི་བྱུང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མིག་སྔར་ཐི་ལོས་ཧྲ་མཱེ་ཡིས་གྲོས་མོལ་སླར་གསོ་བྱེད་པའི་རེ་བ་དངོས་སུ་འདོན་པར་སྒུག་ཡོད་ཀྱང་། ད་ལྟའི་དུས་རིམ་ནང་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་མི་རུང་བའི་ཉེན་བརྡ་བཏང་།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཞེ་ནཱ་སི་ཡིས་ཚེས་ལྔ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ལངས་ཕྱོགས་སྔར་བཞིན་གསལ་བོ་ཡིན་པ་དང་། ཐེངས་མང་བོར་བསྐྱར་སྒྲོག་བྱས་ཡོད་ཟེར།
ཞེ་ནཱ་སི་ཡིས་བསྟན་དོན། དབྱིན་ཇིའི་གྲོས་ཁང་གིས་བརྡས་ཐག་གཅོད་པའི་བྱ་བ་རབ་དང་རིམ་པ་སྤེལ་བ་དང་། དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་དོན་དེའི་ཐད་ནས་རྗེས་ཕྱོགས་ཀྱི་འཆར་གཞི་གསལ་བཤད་བྱེད་རྒྱུ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐི་ལོས་ཧྲ་མཱེ་དང་ཐུག་འཕྲད་བྱེད་པར་དགའ་བསུ་ཞུས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལངས་ཕྱོགས་གསལ་བོ་ཡིན་ཡང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་བཞིན་ཐི་ལོས་ཧྲ་མཱེའི་བཤད་ཚུལ་ལ་རེ་སྒུག་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཨིར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་ཡིས་ཚེས་དྲུག་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཚེས་བདུན་ཉིན་ཐི་ལོས་ཧྲ་མཱེ་དང་གྲོས་མོལ་བྱེད་རྒྱུ་རེད། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཐི་ལོས་ཧྲ་མཱེ་དང་གྲོས་མོལ་བྱེད་མིན་དཔོན་ཕྱོགས་ཀྱིས་བདེན་དཔང་བྱས་མེད།