སྤེལ་དུས།2019.02.12 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

འབར་མའི་རོའུ་ཁའེ་པང་མེ་གསོད་སྡེ་ཁག་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། གྲུ་གཟིངས་ཤིག་ཉིན་དེའི་ཞོགས་པར་རོའུ་ཁའེ་པང་ལེ་ཕེའེ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། མིག་སྔར་མི་བདུན་བསྐྱབས་ཡོད་ལ། མི་བཅོ་བརྒྱད་གར་སོང་རྙེད་མེད་ཟེར།
འབར་མའི་མེ་གསོད་ཅུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ས་དེའི་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་ཡས་མས་སུ། འབར་མའི་སྐྱེལ་འདྲེན་དང་འཕྲིན་གཏོང་པུའུ་ཡི་ཁོངས་སུ་གཏོགས་པའི་གླང་ཆེན་རྟགས་ཅན་གྱི་གྲུ་གཟིངས་ཤིག་ལ་ལེ་ཕེའེ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་མཚོ་རླབས་དང་འཕྲད་ནས་གཏོར་བརླག་ཐེབས་ཏེ་ལོག་པ་རེད། ལེ་ཕེའེ་གླིང་ཕྲན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མྱུར་མོར་ཉ་བདའི་གྲུ་གཟིངས་གཉིས་མངག་ནས་རྒུད་སྐྱོབ་བྱས། ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་བར། གྲུ་གཟིངས་སྟེང་གི་མི་ཉེར་ལྔའི་གྲས་ཀྱི་མི་བདུན་བསྐྱབས་པ་དང་། མི་བཅོ་བརྒྱད་གར་སོང་རྙེད་མེད་ཟེར།
རོའུ་ཁའེ་པང་མེ་གསོད་ཅུའུ་ཡི་འགན་ཁུར་བ་ཡིས་གསར་འགོད་པར་བཤད་རྒྱུར། རྒུད་སྐྱོབ་མི་སྣ་དག་གིས་མིག་སྔར་གྲུ་གཟིངས་རྒྱ་མཚོར་ནུབ་པའི་མཚོ་ཁོངས་སུ་གར་སོང་མ་རྙེད་པའི་མི་སྣ་སྔོག་བཤེར་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།