སྤེལ་དུས།2019.02.12 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅུ་གཅིག་ཉིན་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པའི་ཐད་ནས་བསྟན་དོན། གྲོས་མོལ་ལས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་གསར་དུ་འཛུགས་པ། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་རྐྱེན་སྲོལ་འཛུགས་པ་སོགས་གནད་དོན་ཐད་ནས་མིག་མཐོང་ལག་ཟིན་གྱི་བྱེ་བྲག་གི་གྲུབ་འབྲས་ལོན་ཐུབ་པར་རེ་བས་ཁེངས་ཡོད་ཟེར།
ཝུན་ཙེ་ཡུན་གྱིས་ཉིན་དེར་ཧན་གོའི་ཙུང་ཐུང་བཞུགས་ཤག་གི་དབུ་བཞུགས་དྲུང་ཡིག་ཆེན་མོ་དང་ལས་རོགས་པའི་གྲོས་ཚོགས་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། མིག་སྔར་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པའི་ཉིན་རིམ་གཏན་འཁེལ་བྱས་ཡོད་པ་དང་། དེ་ལས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དར་རྒྱས་ཀྱི་དུས་རབས་དང་ཐག་ཇེ་ཉེར་སོང་བའི་མཚོན་རྟགས་ཡིན། ཁོས་ཐེངས་འདིའི་གྲོས་མོལ་ལས་ཁྲའོ་ཞན་ཕྱེད་གླིང་དེ་དགྲར་འཛིན་རྩོད་གླེང་གི་ས་ཁུལ་ནས་ཞི་བདེ་དར་རྒྱས་ཀྱི་གནས་སུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།
ཝུན་ཙེ་ཡུན་གྱིས་ད་རུང་བཤད་རྒྱུར། ཧན་གོར་མཚོན་ན། དེ་ཡང་ལྷོ་བྱང་གི་འབྲེལ་བ་དེ་སྔར་ལས་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་སྐུལ་འདེད་གཏོང་བའི་གོ་སྐབས་ཤིག་ཡིན་པ་དང་། མ་འོངས་པར་གཡོ་འགུལ་ཅི་ཡང་མེད་པར་ཞི་བདེ་ལ་རྐང་འཛུགས་དགོས། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་ཞི་བདེ་དུས་རབས་སུ་ཐོལ་བརྒལ་འཕེལ་རྒྱས་བྱུང་སྟེ། ཞི་བདེ་དེ་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་བར་འགྱུར་བར་བྱས་ནས། མཉམ་དུ་ཞི་བདེའི་དཔལ་འབྱོར་དུས་རབས་གསར་འབྱེད་བྱེད་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།