ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཟེངས་བསྟོད་བྱས།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཞི་བདེ་དང་བདེ་འཇགས་ཨུ་ཡོན་ཆེ་ཨར་ཀུའུ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཁོས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཀྲུང་གོས་ཞི་བདེ་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་བཟང་བོར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།
ཆེ་ཨར་ཀུའུ་ཡིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྐབས་སོ་གཉིས་པའི་མགོ་གཙོའི་གྲོས་ཚོགས་སྐབས་སུ་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། སུའུ་ཏན་ལྷོ་མ་དང་མཱ་ལི་ནས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ས་དེའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཟེར།
ཆེ་ཨར་ཀུའུ་ཡིས་བཤད་རྒྱུར། རྙོག་འཛིང་ཆེ་བའི་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་མི་ལས་གཞན། ཀྲུང་གོས་ད་རུང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་ལག་རྩལ་དང་མཁོ་སྒྲུབ་ཀྱི་རྒྱབ་སྐྱོར་བྱས་ཡོད་ཟེར།
ཆེ་ཨར་ཀུའུ་ཡིས་བསྟན་དོན། འཕྲོད་བསྟེན་བདེ་ཐང་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཐད་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལའང་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆུ་ཚད་མཐོན་པོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར།