ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་དབྱི་ལང་གི་ཚོགས་པ་གཉིས་དང་མི་དགུ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་གསུམ་ཉིན་དབྱི་ལང་གི་ཚོགས་པ་གཉིས་དང་མི་དགུ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་དང་། ཚོགས་པ་དང་མི་དེ་དག་གིས་ཨ་མེ་རི་ཁའི་སྤྱི་དམངས་ལ་དམིགས་པའི་དྲ་རྒྱའི་བྱ་འགུལ་ངན་པ་དང་གསང་འཕྲིན་བྱ་འགུལ་ལ་རྒྱབ་སྐྱོར་བྱས་པར་དོགས་པ་ཟ་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་བསྒྲགས་པའི་གསལ་བསྒྲགས་ལྟར་ན། མིང་ལ་གནམ་ས་འབྲེལ་མཚམས་གསར་པའི་རྩ་འཛུགས་ཟེར་བའི་དབྱི་ལང་གི་ཚོགས་པ་ཞིག་གིས་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ནས། དབྱི་ལང་གི་འབྲེལ་ཡོད་ལས་ཁུངས་ལ་མི་སྣ་བསྡུས་པར་མ་ཟད་གསང་འཕྲིན་བསྡུ་བར་སྟེགས་བུ་འདོན་སྤྲོད་བྱས་པ་དང་། དེའི་ནང་དུ་ཨ་མེ་རི་ཁའི་སྤྱི་དམངས་དང་བཅས་པའི་ཕྱི་རྒྱལ་གྱི་ཚོགས་འདུར་ཞུགས་མཁན་དག་དབྱི་ལང་གི་གསང་འཕྲིན་མི་སྣའི་བསྡུ་འགུག་བྱེད་ཡུལ་དུ་བསྒྱུར་བ་ཡང་འདུ། མི་བཞི་ནི་ཚོགས་པ་དེ་དང་འབྲེལ་བ་ཡོད་པས་བཀག་སྡོམ་གྱི་མིང་ཐོའི་ཁྲོད་བཞག་པ་ཡིན་ཟེར།

དབྱི་ལང་གི་ཚོགས་པ་གཞན་པ་གཅིག་དང་འབྲེལ་ཡོད་ཀྱི་མི་ལྔ་ཡིས་ཨ་མེ་རི་ཁའི་སྲིད་གཞུང་དང་དམག་ཕྱོགས་ཀྱི་སྔོན་ཆད་དང་ད་ལྟའི་ལས་དོན་པར་དྲ་རྒྱའི་བྱ་འགུལ་ངན་པ་སྤེལ་བར་དོགས་པ་ཟ་བས། བཀག་སྡོམ་གྱི་མིང་ཐོའི་ཁྲོད་དུ་བཞག་པ་རེད།

གསལ་བསྒྲགས་ནང་དུ་བཤད་རྒྱུར། བཀག་སྡོམ་བྱེད་ཡུལ་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་དུ་ཉོ་འཚོང་བྱ་མི་ཆོག་ཟེར།

ན་ནིང་གི་ཟླ་ལྔ་པར། ཨ་མེ་རི་ཁའི་སྲིད་གཞུང་གིས་འབྲེལ་ཡོད་ཕྱོགས་སོ་སོས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར་བཀོད་པའི་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་མཁན་གྱི་གྲས་ནས་བུད་པ་ཁྱབ་བསྒྲགས་བྱས་པ་དང་། ཨ་མེ་རི་ཁས་དེའི་རྗེས་སུ་རིམ་བཞིན་དབྱི་ལང་ལ་ཡང་བསྐྱར་བཀག་སྡོམ་བྱས།