ཕ་ཁི་སི་ཐན་གྱིས་རྒྱ་གར་གྱིས་ཁི་ཧྲི་མུས་ཨར་ས་ཆར་འཇབ་རྒོལ་ཐེབས་པའི་ཐད་ནས་ཕ་ཁི་སི་ཐན་ལ་སྐྱོན་བརྗོད་བྱས་པར་ངོ་རྒོལ་བྱས།
2019.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཕ་ཁི་སི་ཐན་གྱི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཕ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ལ་ཐུག་འཕྲད་བྱས་ཏེ། རྒྱ་གར་གྱིས་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ལ་འཇབ་རྒོལ་ཐེབས་པའི་སྐོར་ནས་ཕ་ཁི་སི་ཐན་ལ་ལུགས་མེད་སྐྱོན་བརྗོད་བྱས་པར་ངོ་རྒོལ་བྱས་ཟེར།

ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ངོ་རྒོལ་བྱེད་སྐབས། རྒྱ་གར་གྱིས་རྟོག་དཔྱོད་ཞིབ་འཇུག་ཅི་ཡང་མ་བྱས་པར་ཕ་ཁི་སི་ཐན་ལ་སྐྱོན་བརྗོད་བྱེད་མི་འོས་ཞེས་བཤད་པ་དང་། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ལ་འཇབ་རྒོལ་ཐེབས་པ་དེ་ཕ་ཁི་སི་ཐན་ལ་འབྲེལ་བ་མེད་ཅེས་བཤད།

ཕ་ཁི་སི་ཐན་གྱི་གླེང་སྟེགས་མྱུར་འཕྲིན་ཞེས་པའི་ཚགས་པར་སྟེང་བཀོད་པའི་གསར་འགྱུར་ལྟར་ན། འཇར་མན་དུ་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་བཞིན་པའི་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་དཔོན་པོ་ཁུའུ་ལེ་ཞི་ཡིས་རྒྱ་གར་གྱི་འབྲེལ་ཡོད་སྐྱོན་བརྗོད་དེ་ཁས་མ་བླངས་པར་མ་ཟད། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་སྲིད་དབང་བཟུང་རྗེས་དུས་ནམ་ཡིན་རུང་རྒྱ་གར་ལ་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅེས་བཤད་ཟེར།

རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ལ་ཚེས་བཅུ་བ་ཞི་ཉིན་རང་སྲོག་གཅོད་བཅད་དེ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་ནས། རྒྱ་གར་གྱི་ཀྲུང་དབྱང་རྗེས་གྲབས་ཉེན་རྟོག་དམག་དཔུང་གི་དམག་མི་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག འཇབ་རྒོལ་དོན་རྐྱེན་བྱུང་རྗེས། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡིས་འཇབ་རྒོལ་དེ་ཕ་ཁི་སི་ཐན་དང་འབྲེལ་བ་ཡོད་ཅེས་སྐྱོན་བརྗོད་བྱས། རྒྱ་གར་གྱི་ནོར་སྲིད་དཔོན་པོས་ཀྱང་ཚེས་བཅོ་ལྔ་ཉིན་ཕ་ཁི་སི་ཐན་གྱི་དམིགས་བསལ་གཟིགས་སྐྱོང་རྒྱལ་ཁབ་ཀྱི་ཐོབ་ཐང་བླངས་པ་ཁྱབ་བསྒྲགས་བྱས།