ཨན་པའེ་ཅིན་སན་གྱིས་འཇར་པན་གྱི་གནོད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུའི་ཚུལ་བསྟན། 
2019.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

འཇར་པན་གྱི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ས་འགུལ་ཆེན་མོའི་ལོ་བརྒྱད་ཀྱི་རྗེས་དྲན་ཉིན་མོར་ཉེ་བའི་སྐབས་སུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་འཇར་པན་གྱི་གནོད་འགོག་ནུས་པའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། 

ཨན་པའེ་ཅིན་སན་གྱིས་ཉིན་དེར་ཡིག་ཐོག་གི་གཏམ་བཤད་སྤེལ་ཏེ། གནོད་འཚེ་དེ་བྱུང་ནས་ལོ་བརྒྱད་འགོར་ལ་ཉེ། ད་ལྟ་མི་མང་བོས་སྔར་བཞིན་རང་དབང་མིན་པའི་དུས་ཡུན་རིང་བོའི་ཉེན་ཡོལ་གྱི་འཚོ་བ་རོལ་བཞིན་ཡོད། དེ་ལྟ་བུའི་དོན་དངོས་དེ་ཡིད་ལ་དམ་པོར་བཅངས་ནས། མུ་མཐུད་དུ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་སྐུལ་འདེད་གཏོང་དགོས་ཟེར། ཁོས་བཤད་རྒྱུར། སྲིད་གཞུང་གིས་རྒྱུན་དུ་ཆགས་འཇིག་ཆེན་མོ་ལས་བྱུང་བའི་ཉམས་མྱོང་ལ་བསམ་བློ་ཡང་ཡང་གཏོང་བཞིན་ཡོད་ཅིང་། རྒྱུན་ཆད་མེད་པར་གནོད་འགོག་གནོད་སེལ་གྱི་བྱེད་ཐབས་ལ་བསྐྱར་ཞིབ་བྱས་ཏེ། མུ་མཐུད་དུ་འཇར་པན་གྱི་གནོད་འགོག་ནུས་པའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས་ཟེར། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། འཇར་པན་སྲིད་གཞུང་གིས་ད་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཏུང་ཅིན་ནས་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ས་འགུལ་ཆེན་མོ་བྱུང་ནས་ལོ་བརྒྱད་འགོར་བའི་རྗེས་དྲན་མཛད་སྒོ་སྤེལ་རྒྱུ་ཡིན་ཟེར།