ཨུ་རུ་སི་ཡིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་དྲག་ཆས་ཉེས་ཅན་གཉིས་བསད། 
2019.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞིའི་ཉིན་སྤྱི་སྒྲོག་སྤེལ་ཏེ། བདེ་འཇགས་མི་སྣས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་དོགས་ཡོད་དྲག་ཆས་ཉེས་ཅན་གཉིས་བསད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཁོངས་སུ་གཏོགས་པའི་ལས་ཁུངས་ཀྱིས་དྲག་ཆས་ཉེས་ཅན་གྱིས་རླངས་འཁོར་བསྐོར་ནས་སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་དུ་འགྲོ་རྩིས་ཡོད་པའི་གནས་ཚུལ་ཤེས། བདེ་འཇགས་མི་སྣས་དོགས་ཡོད་ཉེས་ཅན་གཉིས་ཀྱི་རླངས་འཁོར་བཀག་པའི་ཚེ། དོགས་ཡོད་ཉེས་ཅན་གྱིས་མེ་མདའ་བཀོལ་ནས་ཕྱིར་ངོ་རྒོལ་བྱས་རྗེས་བྲོས་བྱོལ་བྱེད་རྩིས་བྱས། བདེ་འཇགས་མི་སྣས་འཁྲུག་རྩོད་བྱེད་སྐབས་མི་དེ་གཉིས་བསད་པ་དང་། མཚོན་ཆ་དང་འགད་རྫས་སྐོར་ཞིག་གཞུང་བཞེས་བྱས། བདེ་འཇགས་མི་སྣ་དང་མི་སེར་དཀྱུས་མར་ཐེངས་འདིའི་འགུལ་སྐྱོད་ཁྲོད་ཤི་རྨས་ཐེབས་མེད་ཟེར། 

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། ཨུ་རུ་སིའི་བདེ་འཇགས་ལས་ཁུངས་ཀྱིས་མི་དེ་གཉིས་ཀྱི་ཐོབ་ཐང་གསལ་བོར་ཤེས་ཡོད་པ་དང་། ཁོ་གཉིས་ནི་ཧྥུའུ་ཨར་ཅཱ་ཀི་ལེ་ཀྲིག་གི་མི་རེད། སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་གཉེར་བཞིན་ཡོད་ལ། ཁོ་གཉིས་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱབ་སྐྱོར་མཁན་ཡིན་པ་གསལ་བོར་ཤེས་ཡོད་ཟེར།