སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་དྲུག་བསད། 
2019.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སོ་མཱ་ལིའི་ས་གནས་དཔོན་རིགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་མཉམ་འབྲེལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཅུ་དྲུག་བསད་ཟེར། 

ཀྲུའུ་པཱ་ལན་ས་ཁུལ་གྱི་བདེ་འཇགས་ལས་དོན་གྱི་གསར་འགྱུར་མགྲིན་ཚབ་པ་དབྱེ་པུའུ་ལཱ་ཞིན་གྱིས་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཨ་མེ་རི་ཁའི་དམག་དཔུང་བར་མཉམ་འབྲེལ་བྱས་ཏེ་ས་ངོས་དང་བར་སྣང་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཀྲུའུ་པཱ་ལན་ས་ཁུལ་གྱི་དམིགས་འབེན་ལ་ཆམ་ཕབ་བཏང་། 

དབྱེ་པུའུ་ལཱ་ཞིན་གྱིས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་དེ་ལམ་ཐིག་མང་བོ་ནས་སྤེལ་བ་རེད། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ས་ངོས་དམག་དཔུང་མངག་ནས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་བྲོས་བྱོལ་བྱས་པའི་ན་གཞོན་ཏང་གི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་མཇུག་མཐར་དྲག་ཆས་ཉེས་ཅན་ལྷག་འཕྲོའི་རྗེས་འདེད་བྱས་ཟེར། དབྱེ་པུའུ་ལཱ་ཞིན་གྱིས་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གི་ཤི་རྨས་གནས་ཚུལ་གླེང་མེད།