དབྱི་རག་གི་རྒྱལ་སའི་ཉེ་འདབས་སུ་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་བདེ་འཇགས་མི་སྣ་གཉིས་རྐྱེན་ལམ་དུ་ཤོར། 
2019.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

དབྱི་རག་བདེ་འཇགས་དཔོན་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་ཀི་ཏཱའི་ཉེ་འདབས་སུ་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། བདེ་འཇགས་མི་སྣ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཟེར། 

པཱ་ཀི་ཏཱའི་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་བདེ་འཇགས་དཔོན་པོ་ཀྲུའུ་པུའུ་ལི་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་རག་བདེ་འཇགས་མི་སྣས་ཉིན་དེར་པཱ་ཀི་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་སུ་ཡོད་པའི་ཐཱ་མུས་ཡེ་གྲོང་རྡལ་ནས་སྐོར་གཡེང་ལས་འགན་ལག་བསྟར་བྱེད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། དབྱི་རག་སྲིད་གཞུང་དམག་དཔུང་གི་དམག་དཔོན་གཅིག་དང་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་བཞི་ལ་རྨས་ཕོག ཉིན་དེར་ཐཱ་མུས་ཡེ་གྲོང་རྡལ་དུ་འགས་གཏོར་དོན་རྐྱེན་གཞན་ཞིག་བྱུང་སྟེ་སྐོར་གཡེང་དམག་མི་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཀྲུའུ་པུའུ་ལི་ཡིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་མང་བོ་ཐཱ་མུས་ཡེ་གྲོང་རྡལ་དུ་སྦས་སྐོང་བྱས་ཡོད་པ་དང་། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་བསྟུད་མར་སྔོག་བཤེར་བྱས་ཏེ། དོགས་ཡོད་དྲག་ཆས་མི་སྣ་མང་བོ་བསད་པའམ་འཛིན་བཟུང་བྱས་ཡོད་ཟེར།