མཱ་ལིའི་སྡེ་བ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མ་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར། 
2019.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

མཱ་ལིའི་དབུས་ཕྱོགས་ཀྱི་ཧྥུའུ་ལཱ་ནེ་རིགས་ཀྱི་སྡེ་བ་ཞིག་ལ་ཚེས་ཉེར་གསུམ་ཉིན་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

མཱ་ལིའི་བདེ་འཇགས་སྡེ་ཁག་གི་མི་སྣས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སུམ་ཅུ་ལྷག་གིས་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་མའོ་ཕུའུ་ཐིས་ས་ཁུལ་གྱི་པང་ཁཱ་སི་གྲོང་ཁྱེར་ཉེ་འདབས་ཀྱི་ཧྥུའུ་ལཱ་ནེ་རིགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཧྥུའུ་ལཱ་ནེ་རིགས་ཀྱི་མི་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སྡེ་བ་ཧྲིལ་བོ་མེར་བསྲེག་ནས་རྡུལ་དུ་བརླག་ཡོད་ཟེར།