ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་བྱང་མའི་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་། 
2019.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་བྱང་མའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་བསྒྲགས་མེད་ཟེར། 

བསྒྲགས་པ་ལྟར་ན། ས་འགུལ་དེ་ནི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སོ་བདུན་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་མཱ་ལུའུ་ཀུའུ་ཞིང་ཆེན་བྱང་མའི་ཅཱ་དབྱེ་ལོ་ལོ་གྲོང་ཁྱེར་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་སོ་དགུ་ཡོད་པའི་མཚོ་ཁོངས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད། ཉེ་འདབས་ཀྱི་གྲོང་ཁྱེར་མང་བོར་ས་འགུལ་གྱི་ཚོར་སྣང་ཕྲན་ཙམ་ཡོད་པ་རེད། ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཐེངས་འདིའི་ས་འགུལ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད། 

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་འགུལ་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་བདུན་ལྷག་ཡོད་ཟེར།