ཡེ་མིན་གྱི་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་དྲག་པོ་བྱས་ཏེ་མི་བཅུ་ཕྲག་འགའ་ལ་ཤི་རྨས་བཟོས།
2019.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། ཕྱོགས་གཉིས་ཀྱི་མི་བཅུ་ཕྲག་འགའ་ལ་ཤི་རྨས་ཐེབས་ཡོད་ཟེར།

ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣས་ཉིན་དེར་ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་བཅའ་སྡོད་བྱེད་་སར་ཚུར་རྒོལ་དྲག་པོ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུའི་གཞོགས་འདེགས་འོག་ཕྱིར་རྒོལ་ལན་སྤྲད་དེ། ཧུའུ་སེ་དྲག་ཆས་པ་མཐར་སྐྲོད་གཏོང་རྩིས་བྱས་ཟེར།

དཔོན་པོ་དེས་བཤད་རྒྱུར། འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མི་བཅུ་ཕྲག་འགར་ཤི་རྨས་ཐེབས་ཡོད་ཟེར།

ཏཱ་ལེ་ཨ་ཞིང་ཆེན་དེ་ཡེ་མིན་ལྷོ་ཕྱོགས་སུ་གནས་ཤིང་། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་དུས་རྒྱུན་ཞིང་ཆེན་དེའི་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་བྱེད་བཞིན་ཡོད། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་པ་དང་། སྲིད་གཞུང་དམག་དཔུང་གིས་ས་དེའི་དེའི་སྡེ་བ་སྐོར་ཞིག་བདག་ཏུ་བཟུང་ཡོད་ཟེར།




ལོ་ཙཱ་བ། བསོད་ནམས་ཚེ་རིང་།