ཨུ་རུ་སིའི་ཙུང་ཐུང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་གནོན་ཤུགས་སྟེར་བར་ཕན་ནུས་ཐོབ་མི་སྲིད་པར་འདོད། 
2019.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བལྟས་ན་ཨ་མེ་རི་ཁས་དབྱི་ལིང་ལ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལ་གྲུབ་འབྲས་ཐོབ་མི་སྲིད་པར་བསམ་ཡོད་ཟེར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་གྱིས་ཐེངས་མང་བོར་རང་ཉིད་ཀྱིས་ཨ་མེ་རི་ཁས་གནོན་ཤུགས་ཐལ་དྲགས་སྟེར་བའི་སྲིད་ཇུས་རྒྱུས་ལོན་བྱེད་དཀའ་བའི་ཚུལ་བསྟན་པ་དང་། ཁོས་བལྟས་ན་སྲིད་ཇུས་དེ་ལས་ཕྱོགས་གང་རུང་ཉམས་ཉེན་གྱི་གནས་སུ་བསྐྱལ་བ་ཙམ་ཡིན་པར་འདོད། ཕུའུ་ཅིན་གྱིས་བལྟས་ན། དེང་རབས་ལོ་རྒྱུས་ལས་བྱེད་ཐབས་དེ་རིགས་ལ་གྲུབ་འབྲས་ཅི་ཡང་ཐོབ་མི་སྲིད་ཅིང་། དེ་ལས་ལྡོག་སྟེ་བར་འདུམ་འཕེལ་རིམ་ལའང་གནོད་པ་ཐེབས་སྲིད་པར་མ་ཟད། ཕྱོགས་སོ་སོས་བཟོད་སྒོམ་བརྗེད་ཐོ་འགོད་པར་ཡང་ཕན་ཐོགས་མེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།